ངོ་སྤྲོད།
Latest addition : 22 February.
ལེ་ཚན་འདིའི་ནང་དུ་དམིགས་བསལ་ཧྥ་རན་སི་ནང་གཏན་བཞུགས་གནང་པའི་མཁས་དབང་དང་ཆབ་སྲིད་པ། བོད་རིགས་པ། བོད་དོན་ཉམས་ཞིབ་པ་སོགས་མི་སྣ་ངོ་སྤྲོད་སོགས་བྱེད་ས་ཡིན།
Latest articles
༄༅། །རླུང་སྦྱོར་ལ་བརྟེན་ནས་མིའི་ལུས་ཁམས་གསོ་བའི་ཐབས།
Monday 22 February 2010, by // ངོ་སྤྲོད།
རླུང་སྦྱོར་ལ་བརྟེན་ནས་མིའི་ལུས་ཁམས་གསོ་བའི་ཐབས། རླུང་སྦྱོར་གང་གི་སྐབས་སུ་ཡང༌། ཐོག་མར་རང་ལུས་རྣལ་འབྱོར་གྱི་འདུག་སྟངས་སུ་བདེ་བར་འཁོད་ལ། མིག་གཉིས་བཙུམས་ཏེ་ཨོཾ་ཡིག་ཡིད་བཟླས་བྱ། རླུང་སྦྱོར་རྣམས་ཞོགས་པར་ལྟོ་སྟོང་གི་སྐབས་སུ་བྱ་དགོས་ལ། ཉིན་ལྟར་དུས་ཚོད་གཅིག་པར་འཁེལ་ན་ལེགས། སྤྱིར་རླུང་སྦྱོར་རྣམས་ལ་རང་རང་གི་ཕན་ཡོན་དམིགས་བསལ་བ་དག་ཡོད་ཀྱང༌། སྤྱིའི་ཆ་ནས་བཤད་ན། གཤམ་གྱི་རླུང་སྦྱོར་རྣམས་རྒྱུན་དུ་ཆག་མེད་བྱས་ན། ལུས་སེམས་ཞི་བར་གནས་ཤིང་གཡེང་བ་ཞི་བ། ལུས་ཀྱི་ཤ་གནད་(Musclc)རྣམས་ལྷོད་པོ་དང་མཉ Lire la suite »
༄༅། །སློབ་ཆུང་དག་ཡིག
Monday 22 February 2010, by // ངོ་སྤྲོད།
༄༅། །སློབ་ཆུང་དག་ཡིག ༼ཀ༽སྡེ་ཚན་ནས་༼ཨ༽སྡེ་ཚན་བར་ཡོད། ཟབ་ཡངས་ཡོན་ཏན་རྒྱ་མཚོའི་འཇིངས། །བགྲོད་པའི་གཟིངས་ཆེན་ཡི་གེ་སྟེ། རྟག་ཏུ་བརྩོན་འགྲུས་སྐྱ་འདེབས་ཀྱིས། །བརྡ་དག་ཕ་མཐར་མྱུར་དེངས་ཤིག ། ༼ཀ༽ ཀ་བ་ཀ་ར་ཀ་ཏོ་ར། ། ཀ་ཅི་ཀ་མད་ཀ་རྐྱང་ཡིན། །དཀའ་ལས་དཀའ་ངལ་ད་དཀའ་དང་། །བཀའ་མོལ་བཀའ་སློབ་བ་བཀའ་འོ། །ཡུར་བུའི་རྐ་ནི་ར་རྐ་དང་། །གོས་ཀྱི་སྐ་རགས་ས་སྐ་ཡིན། །ལམ་སོགས་བཀག་པ་བ་བཀག་ལ། །ལོ་ཡི་སྐག་ནི་ས་སྐག་ཡིན། །སྣོད་སོགས་ཆུས་བཀང་བ་བཀང་དང་། །རྐང་ལག་གཞི་རྐང་ར་རྐང་ངོ་། སྐད་རིགས་སྐད་ཆ་ས་སྐད་དང་། །ས Lire la suite »


