ནང་ཆོས།

Latest addition : 4 February.

ལེ་ཚན་འདི་ནང་ཆོས་པོ་སྤྲོད་བྱེད་ས་ཞིག་ཡིན།

Latest articles

༄༅། །རྟེན་འབྲེལ་བསྟོད་པ་བཞུགས་སོ།

Thursday 4 February 2010, by བོད་རིགས་ཚོགས་པ། // ནང་ཆོས།

ན་མོ་གུ་རུ་མཉྫུགྛགྷོཥཡ། གང་ཞིག་གཟིགས་ཤིང་གསུང་བ་ཡིས། །མཁྱེན་དང་སྟོན་པ་བླ་ན་མེད། ། རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། ། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། ། གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། ། དེ་ཚེ་བློ་དང་ལྡན་པ་ཡིས། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། ། ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །ཇི་ལྟར་ཁོང་དུ་ཆུད་མི་འགྱུར། ། དེ་ལྟ་ལགས་ན་མགོན་ཁྱོད་ལ། །བསྟོད་པའི་སྒོ་ནི་སུ་ཞིག་གིས། ། བརྟེན་ནས་འབྱུང Lire la suite »

༄༅། །རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་བྱ་བ་བཞུགས་སོ།

Saturday 19 December 2009, by བོད་རིགས་ཚོགས་པ། // ནང་ཆོས།

རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་བྱ་བ་བཞུགས་སོ།། རྒྱལ་སྲས་ཐོགས་མེད་བཟང་བོ། ན་མོ་ལོ་ཀེ་ཤྭ་ར་ཡེ། །གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི། །བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས། །དམ་ཆོས་སྒྲུབ་ལས་བྱུང་སྟེ་དེ་ཡང་ནི། །དེ་ཡི་ལག་ལེན་ཤེས་ལ་རག་ལས་པས། །རྒྱལ་སྲས་རྣམ་ས་ཀྱི་ལག་ལེན་བཤད་པར་བྱ། །དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར། (...) Lire la suite »

༄༅། །བྱང་ཆུབ་སེམས་དཔའི་བསླབ་བྱ་མདོར་བསྡུས།

Saturday 12 December 2009, by བོད་རིགས་ཚོགས་པ། // ནང་ཆོས།

ཐར་མེད་བཙོན་རར་ཆུད་པའི་མ་རྒན་རྣམས།།བྱམས་བརྩེའི་སྐྱོ་ངལ་ནམ་ཡང་མི་སྐྱོ་བའི།། རྒྱལ་དང་རྒྱལ་བའི་ངོ་བོ་ཇི་སྙེད་ཀྱི།།ཐུགས་རྗེའི་མངའ་བདག་དྲིན་ཆེན་བླ་མར་འདུད།། ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ།།ལམ་གནད་མ་ལུས་བསྡུས་ན་ངེས་འབྱུང་དང༌།། བྱང་ཆུབ་སེམས་གཉིས་དག་ལ་འདུས་པའི་ཕྱིར།།དེ་ཡང་ཐེག་པ་མཆོག་དམན་གཉིས་ལས་སུ།། ཐེག་དམན་ལམ་ཞུགས་ངེས་འབྱུང་ཤེས་རབ་གཉིས།།རྒྱུད་ལ་སྐྱེས་ན་བསྒྲུབ་བྱའི་དོན་འགྲུབ་ཙམ།། དེ་ལས་བླ་མེད་བྱང་ཆུབ་ཐོབ་འདོད་པས།།གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།། མེད་ན་བསྒྲུབ་བ Lire la suite »

མི་ཆོས་གནད་ཀྱི་ཕྲེང་བ།

Saturday 12 December 2009, by བོད་རིགས་ཚོགས་པ། // ནང་ཆོས།

༄༅།།ཁོ་བོས་བྱང་གི་ཕྱོགས་ནས་གཙོ་བོའི་བུ། །ཁོ་བོས་ས་མཐའ་བསྐོར་པས་མི་མཐོང་མྱོང༌། །རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །ཡིན་མིན་ མགོ་ལྟག་ཕྱེད་པས་གྲུང་བོར་གྲགས། །གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང༌། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང༌། །གྲོགས་དང་ འགྲོགས་ལུགས་སུ་ལ་འཚོལ་ཡང་རུང༌། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །དེ་ཡི་སྟེང་ནས་འདུན་མ་བཤད་ཀྱི་ཉོན། །བྱ་བྱེད་ཡོངས་ཀྱི་མགོ་ལྟག་ ཕྱེ་ཡི་ཉོན། །ལྷ་ཞི་གླུ་ཞིའི་གདམས་པ་བཤད་ཀྱི་ཉོན། །ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལེགས། །སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང༌ Lire la suite »

རྒྱལ་མཆོག་ལྔ་བ་ཆེན་པོའི་བསྟོད་པ་སྣང་བ་མཐའ་ཡས་མ།

Saturday 12 December 2009, by བོད་རིགས་ཚོགས་པ། // ནང་ཆོས།

༄༅། །སྣང་བ་མཐའ་ཡས་སྲས་ཀྱི་ཐུ་བོ་མཆོག །ཕྱག་ན་པད་དཀར་འཛིན་པས་རྗེས་བཟུང་བས། །ཚེ་རབས་མང་པོར་བག་ཆགས་ཡོངས་སད་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཤཱཀྱ་སེདྒེའི་མདོ་རྒྱུད་གསུང་རབ་དང༌། །ཐ་སྙད་གཙུག་ལག་རིག་པའི་གནས་མང་པོར། །དཔྱད་གསུམ་རྣམ་པར་དག་པས་ལེགས་ཐོས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མཐའ་ཀླས་ཤེས་བྱར་སྲིད་པའི་ཆོས་ཚུལ་གྱི། །གནས་ལུགས་ཀུན་ལ་ཞིབ་མོར་ཉེར་བསམས་པས། །འཁྲུལ་བྲལ་ཇི་བཞིན་ཡིད་ངོར་རབ་ཤར་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གཡོ་མེད་ཞི་གནས་ཆུ་ནང་ལྷག་མཐོང Lire la suite »

ལེགས་བཤད་བློ་གསར་མིག་འབྱེད

Saturday 6 June 2009, by བོད་རིགས་ཚོགས་པ། // ནང་ཆོས།

Lire la suite »