༧གོང་ས་མཆོག
Latest addition : 10 June.
ལེ་ཚན་འདིའི་ནང་དམིགས་བསལ་སྐུ་མདུན་གྱི་མཛད་འཕྲིན་དང་གསུང་འཕྲིན། བཀའ་སློབ་ཁག་འགོད་སྤེལ་བྱེད་ས་ཡིན།
Latest articles
སྤྱི་ནོར ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་སྩལ་བའི་བཀའ་སློབ།
Thursday 10 June 2010, by // ༧གོང་ས་མཆོག
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ། ༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ ༡༩༩༧ ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་ཚོགས་པ་ཁག་དང༌། བཞུགས་སྒར་ཁུལ་གྱི་མི་མང་གི་འཐུས་མི་བཅས་ལ་དེ་གོང་གང་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་བཀའ་གནང་བའི་གལ་ཆེའི་གནད་དོན་ཐོག་གསལ་བཤད་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོ་ཐུག་ན་བསམ་བྱུང༌། ཁྱེད་རང་ཚོས་བརྟན་བཞུགས་འབུལ་ཆོག་པ་ཞེས་བརྗོད་པའི་རྒྱུ Lire la suite »
གསུམ་བཅུའི་དུས་དྲན་ཐེངས་ ༥༡ པར་སྩལ་བའི་༧གོང་ས་མཆོག་གི་གསུང་འཕྲིན
Wednesday 10 March 2010, by // ༧གོང་ས་མཆོག
སྤྱི་ ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པའི་ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་བོད་མིས་ཞི་རྒོལ་བྱས་ནས་ མི་ལོ་ལྔ་བཅུ་ང་གཅིག་འཁོར་བ་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ པ་ནས་བཟུང་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་སུ་འཚེ་མེད་ཞི་བའི་གྱེན་ལངས་བྱུང་ནས་ལོ་གཉིས་འཁོར་བ་བཅས་ཀྱི་དུས་ཚིགས་ལ་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་དང༌། སྡུག་ས Lire la suite »
རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་རྒྱ་དབུ་འབྱེད།
Wednesday 10 March 2010, by // ༧གོང་ས་མཆོག
༧གོང་ས་མཆོག་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་དེ་བོད་རིགས་དང་བོད་ཡིག་ཤེས་མཁན་དད་ལྡན་མང་ཚོགས་ཀྱི་ཆེད་དུ་ལོ་འདིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན་དབུ་འབྱེད་གནང་རྒྱུ་རེད། ཕྱི་ཚེས་ ༩ ཉིན་འདི་གའི་གསར་ཁང་གིས་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་བཀའ་འདྲི་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་དེ་ཕྱི་ཚེས་ ༩ ཉིན་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། དྲ་རྒྱ་དེ་དབུ་འབྱེད་གནང་དགོས་པའི་ཐད་ཁོང་གིས་གསུངས་དོན། དེང་སྐབས་བོད་ཕྱི་ནང་ཀུན་ཏུ་བོད་རིག Lire la suite »
༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན།
Tuesday 9 March 2010, by // ༧གོང་ས་མཆོག
༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན། བོད་ཀྱི་དུས་བབ་ནས་འདོན་སྤེལ། ༢༠༡༠/༠༣/༠༩ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་ཆེད་དུ་གསུང་འཕྲིན་ཞིག་བརྩལ་ཡོད་ཅིང་། དེ་རིང་ཞོགས་པར་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་གཉིས་པའི་སྟེང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྒྲོག་གདོན་གནང་སོང་། ༧གོང་ས་མཆོག་གི་གསུང་འཕྲིན་ནང་བཀོད་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི Lire la suite »
རྒྱ་བོད་ལྷན་ཚོགས་སྟེང་༧གོང་ས་མཆོག་གི་གསུང་བཤད།
Friday 7 August 2009, by // ༧གོང་ས་མཆོག
རྒྱ་བོད་ལྷན་ཚོགས་སྟེང་༧གོང་ས་མཆོག་གི་གསུང་བཤད། སྤྱིའི་འགྲིག་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་གྱི་ཉིན་གྲངས་གསུམ་རིང་། སུད་སུས་གྲོང་ཁྱེར་ཇི་ནེ་ཝར་འཛམ་གླིང་ཡུལ་གྲུ་ཁག་གི་རྒྱ་བོད་མི་རིགས་གཉིས་བར་གྱི་ལྷན་ཚོགས་༼ རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོགས་ ༽ ཞུ་བ་ཞིག་ཚོགས་བཞིན་ཡོད་པའི་སྟེང་། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་བསྩལ་བའི་གསུང་བཤད། ཚོགས་འདུའི་དབུ་བཞུགས་མཆོག་དང༌ཚོགས་སྐོང་འགན་འཛིན་རྣམ་པ། (...) Lire la suite »
ཨ་རིའི་སྲིད་འཛིན་༧གོང་ས་མཆོག་དང་མཇལ་འཆར།
Tuesday 21 July 2009, by // ༧གོང་ས་མཆོག
ཨ་རིའི་སྲིད་འཛིན་༧གོང་ས་མཆོག་དང་མཇལ་འཆར། ཕྱི་ཟླ་ ༩ ནས་ ༡༠ དུས་མཚམས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་འཆར་ཡོད་འདུག ཕྱི་ཚེས་ ༡༩ ཉིན་རྒྱ་གར་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ༸གོང་ས་མཆོག་ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་ལོ་སི་ཨན་རྗེ་ལི་སུར་ཕེབས་འཆར་ཡོད་པ་དང། དེ་རྗེས་ཝན་ཀོ་ཝར་ས་གནས་སུ་ཞི་བདེའི་ཚོགས་ཆེན་ཞེས་པར་ཕེབས་ཏེ། ཕྱི་ཟླ་ ༡༠ པའི་མགོ་སྟོད་ཙམ་ལ་ཝ་ཤིན་ཊོན་ཌི་སི་ལ་ཕྱིར་ཕེབས་ཀྱིས་ཚེས་ ༨ ནས་ ༡༡ བར་ "སེམས་དང་མི་ཚེའི་ཚོགས་ཆེན་"ཞེས་པ་སྟེ། དུས་རབས་ཉི་ཤུ་རྩ་་ Lire la suite »
༧གོང་ས་མཆོག་གིས་དྲུག་བཞིའི་དོན་རྐྱེན་ལ་གསུང་འཕྲིན་བསྩལ།
Saturday 6 June 2009, by // ༧གོང་ས་མཆོག
པེ་ཅིན་གནམ་བདེ་སྒོ་མོའི་ཐང་དུ་དྲུག་བཞིའི་མང་གཙོའི་ལས་འགུལ་བྱུང་ནས་ལོ་ཉི་ཤུ་འཁོར་བའི་སྐབས་འདིར། ངོས་ནས་རྒྱ་ནག་ལ་སེམས་ཁུར་བྱེད་མཁན་ཡོངས་དང་ལྷན་དུ། མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱས་ནས་རྒྱ་ནག་གཞུང་ལ་རང་གི་མི་མང་གི་ཆེད་དུ་འགན་ཁུར་ལེན་དགོས་པའི་རེ་འདུན་བཏོན་པའི་ལས་འགུལ་ནང་ལུས་སྲོག་ཤོར་བ་རྣམས་ལ་རྗེས་དྲན་བྱེད་བཞིན་ཡོད། སྐབས་དེར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མང་གཙོའི་ལས་འགུལ་ནང་ཞུགས་མཁན་གྱི་སློབ་ཕྲུག་རྣམས་ནི། གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་ལོག་བྱེད་མཁན་ཞིག་མ་ཡིན་པར། Lire la suite »
༢༠༠༩ ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།
Saturday 6 June 2009, by // ༧གོང་ས་མཆོག
ང་ཚོས་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བོད་རིགས་ཡོངས་ལ་ལག་བསྟར་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པར་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཚུལ་མཐུན་ཡ་ལན་མ་བྱས་པར་བློ་ཕམ་ཡོད། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང༌། སྔ་ལོའི་གསུམ་བཅུའི་རྗེས་ཆོལ་གསུམ་བོད་ཀྱ Lire la suite »


