གསལ་བསྒྲགས་ཡིག་ཆ་ཨང་༢་།
Saturday 13 February 2010, by // མཛད་འཕྲིན།
རེས་གཟའ་སྤེན་པ་ཟླ་བ་༢་ཚེས་༢༧་ཉིན་ཕྱི་དྲོའི་ཕྱག་ཚོད་༣་ནས་༦་དབར་དུ་རིག་པ་ཆོས་ཚོགས་སུ་བོད་རིགས་ཚོགས་པའི་མི་མང་གི་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པས་ཚང་མས་ཐུགས་འཁུར་ཞུས་ཏེ་ཡོང་རོགས་གནང་།
༡ བོད་ཀྱི་བསྟན་སྲིད་ཆེད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་༧་ཞབས་པད་སྐལ་བརྒྱར་བརྟན་ཆེད་རྒྱལ་བའི་ཞབས་བརྟན་དང་གུ་རུ་མཚན་སྔགས་དེ་བཞིན་སྒྲོལ་མ་བཅས་ཀྱི་ཞལ་འདོན་བྱ་རྒྱུ།
༢ འདི་ལོའི་སུམ་ཅུ་དུས་དྲན་བསྲུང་རྩིས་དང་གྲ་སྒྲིགས་བྱ་ཕྱོགས་ཀྱི་ཐད་མངས་ཚོགས་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་ཡིན། དེའི་ཐད་བོད་མི་སུ་ཡིན་ཀྱང་སོ་སོའི་བསམ་ཚུལ་གང་ཡོད་གསུང་ཐུབ་རྒྱུ་དང་དེ་མིན་ལས་འགུལ་དངོས་སུ་སྤེལ་སྐབས་སུ་ཁ་ཞེ་གཉིས་མེད་ཀྱི་དང་བླངས་ཀྱི་ལེགས་སྐྱེས་འབུལ་དགོས། Rigpa Paris 6 bis rue Vergniaud 92300 Levallois-Perret métro : Louise Michel
ཧྥ་རན་སིའི་བོད་རིགས་ཚོགས་པའི་ལས་ཁུངས་ནས་ཕུལ།།


