Actualités
ཧྥ་རན་སིའི་བོད་རིགས་ཚོགས་པའི་ ༢༠༠༩ ནས ༢༠༡༢ ལས་བསྡོམས་སྙན་ཐོ།
Friday 11 May 2012, by // གསལ་བསྒྲགས།
༄༅། སྤྱི་ལོ ༢༠༠༩ ནས ༢༠༡༢ ་བར་དུ་སྐབས་འདིའི་ཧྥ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱིས་དབུ་ཁྲིད་འོག་ལས་དོན་སྣ་རྒུ་སྒྲུབས་ཡོད་པའི་ཁྲོད་ནས་འདིར་ཁག་གཅིག་ལས་བསྡོམས་ཀྱི་སྙན་ཞུ་ཚུལ་དུ་སྤྱན་འབུལ་ཞུ་རྒྱུ། ༡ ཧྥ་རན་སིའི་བོད་རིགས་ཚོགས་པ་དང་བོར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཡུལ་ལུང་འདིར་གནས་སྡོད་བྱེད་མཁན་བོད་རིགས་སྤུན་ཟླ་ཚོ་གཅིག་སྒྲིལ་བྱས་ཏེ་ཧྥ་རན་སིའི་སྤྱི་ཚོགས་ཁྲོད་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་དང་ཆོས་དང་རིག་གཞུང་བཅས་ངོ་སྤྲོད་དང་ཁྱབ་སྤེལ་བྱ་ར Lire la suite »
༄༅། །ྋགོང་ས་མཆོག་གིས་རྒྱ་ནག་སྲིད་གཞུང་ལ་ཛ་དྲག་གི་འབོད་སྐུལ་མཛད་པ།
Monday 18 April 2011, by // ༧གོང་ས་མཆོག
༄༅། །ད་ལམ་བོད་བྱང་ཤར་ཨ་མདོ་རྔ་པ་ཁུལ་གྱི་ཀིརྟིའི་དགོན་པར་དྲག་ཤུགས་ཤིན་ཏུ་ཆེ་བའི་རྒྱ་ནག་གཞུང་གི་དམག་དཔུང་གིས་ས་གནས་བོད་རིགས་མི་མང་ལ་ཆེས་ཛ་དྲག་གི་སྒོ་ནས་དྲག་གནོན་དང། གྲྭ་པ་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་པའི་ཀིརྟིའི་དགོན་པ་ཡོངས་སུ་དྲག་ཆས་དམག་དཔུང་གིས་མཐའ་བསྐོར་ཏེ་བཟའ་ཅ་དང་གཞན་རྒྱུན་ལྡན་དགོས་མཁོའི་རིགས་དགོན་པའི་ནང་འབྱོར་ཐུབ་ཀྱི་མེད། དེ་ལྟར་ཀིརྟི་དགོན་པ་དྲག་ཆས་དམག་དཔུང་གིས་མཐའ་བསྐོར་ཏེ་གྲྭ་པ་མང་པོ་དགོན་པའི་ནང་བཀག་སྐྱིལ་བྱས་པར་། འབྲེལ་ཡོད་སེར་སྐྱ་མི་མང་ལ་སེམས་ཚབས་དང་འཇ Lire la suite »
༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་སྩལ་གཏན་འཁེལ་བ།
Friday 15 April 2011, by // ༧གོང་ས་མཆོག
༄༅། །ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དང་ སྐུ་བཅར་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང། དགེ་ལུགས་སྨོན་ལམ་ཚོགས་པས་གཙོས་རང་རིགས་དད་ལྡན་ཁག གཞན་ཡང་ཕྱི་རྒྱལ་མི་སྣ་བཅས་ནས་ཇི་ལྟར་གསོལ་བ་ནན་གྱིས་བཏབ་པ་བཞིན། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་བཀའ་དྲིན་བསྐྱང་རྒྱུར། ཕྱི་ཟླ་ ༡༢ ཚེས་ ༣༡ དང་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ ཚེས Lire la suite »
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་གཙང་མའི་ལམ་དུ་ཤར་བསྐྱོད་བྱེད་དགོས་པའི་བཀའ་ནན་སྩལ་བ།
Thursday 31 March 2011, by // ༧གོང་ས་མཆོག
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་རྒྱུ་མིན་པར་མང་གཙོ་གཙང་མའི་ལམ་དུ་ ཤར་བསྐྱོད་བྱེད་དགོས་པའི་བཀའ་ནན་སྩལ་བ། ༄༅།།བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་ངོས་རང་ཆུང་ཆུང་སྐབས་རྒྱལ་ཚབ་ཀྱིས་དབང་ཆ་བཟུང་ནས་ཡོད་པ་དེ་དྲང་པོ་མེད་པའི་གནས་ཚུལ་མང་པོ་ཞིག་ཐོས་མྱོང་ལ། ངོས་རང་གིས་དངོས་སུ་མིག་གིས་མཐོང་བར། དེ་སྐབས་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་རེད། རྒྱལ་ཚབ་སྟག་བྲག་གི་སྐབས་སུ་གཟིམ་ཤག་ཕ་ལྷའི་མི་སེར་སྤོ་བོ་ལགས་ཤིག་གིས་ཕ་ལྷར་ཁ་མཆུ་བཙུགས་ཏེ། (...) Lire la suite »
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ། ༢༠༡༡
Wednesday 30 March 2011, by // གསལ་བསྒྲགས།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་གཏན་འབེབས་ལས་རིམ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ། ༢༠༡༡ ༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་སྤྱི་བསྩལ་ཐོག་བགྲོ་གླེང་གྲོས་བསྡུར་རིམ་པ་དང༌། གྲོས་ཆོད་སྔ་རྗེས་བཞག་པའི་མཐའ་དོན་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༧ ཡིག་ཆ་ཨང་ ༤༨ པའི་དགོངས་དོན་ལྟར། (...) Lire la suite »
འགན་འཁུར་དགོས་པ་དེ་འཁུར་ཐུབ་སོང་བསམ་ཡོད།
Monday 28 March 2011, by // གསར་འགྱུར།
བོད་ཀྱི་དུས་བབ་ཀྱིས་འདོན་སྤེལ། ༢༠༡༡/༠༣/༢༦ གྲོས་ཚོགས་འཐུས་མི་ནི་མི་མང་གི་སྐུ་ཚབ་ཡིན་སྟབས། མི་མང་གི་མངོན་འདོད་གཞིར་བཞག་ཐོག་གསོལ་བ་ཕུར་ཚུགས་སུ་འདེབས་པའི་གྲོས་ཆོད་ཅིག་འཇོག་ཐུབ་པ་དེ་ནི། ལོ་རྒྱུས་ནང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་སྤྱི་འཐུས་ཚོགས་གཙོས་གསུངས། ཁ་སང་ཕྱི་ཚེས་ ༢༥ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཡོངས་སུ་མཇུག་བསྒྲིལ་ཡོད་ཅིང Lire la suite »
༸གོང་ས་མཆོག་གི་གསུང་འཕྲིན་ཉམ་ལེན་ཞུ་ཕྱོགས་ལས་འཆར་ཚོགས་ཆུང་གི་སྙན་ཐོ།
Wednesday 23 March 2011, by // ༧གོང་ས་མཆོག
༈ ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ། ༄༅།། དཔལ་ལྡན་བཽད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀུར་འོས་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ལ་བསྩལ་བའི་བཀོད་ཁྱབ་ཨང་ ༡༨།༢༠༡༡།༥༡༩༤ ནང་གསལ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༡༥ འཁོད་པའི་དགོངས་དོན་ཚོགས་ཆུང་གི་མི་འགྲོར། (...) Lire la suite »
གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
Thursday 17 March 2011, by // ཆེད་བརྗོད།
མི་ལོ་ ༥༢ གོང་གི་དེ་རིང་གི་ཉིན་མོར། བཙན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྨང་གཞིའི་སྟེང་བོད་གཞུང་ནས་བོད་རྒྱ་མཉམ་གནས་ཀྱི་འབད་བརྩོན་རིམ་པར་བསྟེན་ཀྱང་། བོད་འབྱོར་རྒྱ་དམག་གིས་བཙན་འཛུལ་བའི་གདོང་རིས་དམར་རྗེན་དུ་བཏོན་ཏེ། གྲོས་དོན་བརྡལ་བཤིག་གི་སྦྱོར་ངན་ཡ་ང་བག་ཚ་མེད་པར་བརྩམས་པ་དང་། ཐ་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་གྲབས་གཤོམ་བྱས་སྟབས། འ་ཆད་འུ་ཐུག་པའི་ཆོལ་གསུམ་བོད་མི་རྣམས་ན Lire la suite »
༸གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན།
Tuesday 15 March 2011, by // ༧གོང་ས་མཆོག
བོད་ཀྱི་དུས་བབ་ཀྱིས་འདོན་སྤེལ། ༢༠༡༡/༠༣/༡༥ འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་སྟེང་༸གོང་ས་མཆོག་གིས་གཞུང་གི་འཛིན་སྐྱོང་གི་ཐུགས་འགན་ཡོང་རྫོགས་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུ་ཐག་གཅོད་ཟིན་པ་དང་། ཐེངས་འདིའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱི་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི Lire la suite »
བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས།
Tuesday 1 February 2011, by // གསར་འགྱུར།
བོད་ཀྱི་དུས་བབ་ཀྱིས་འདོན་སྤེལ། ༢༠༡༡/༠༡/༡༩ དབུས་འོས་བསྡུ་ལྷན་ཁང་གིས་སྐབས་བཅུ་བཞི་བའི་བཀའ་ཁྲིའི་དངོས་གཞིའི་འོས་མི་གསུམ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་ཆོལ་ཁ་རེར་ཉི་ཤུ་རེ་དང་། ཆོས་བརྒྱུད་ཁག་དང་བྱང་ཨ་རི ཡུ་རོབ་བཅས་ཀྱི་དངོས་གཞིའི་འོས་མི་བཞི་རེ་བཅས་ཀྱི་མིང་གཞུང་གསལ་བསྒྲགས་གནང་ཡོད། དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་ Lire la suite »


