Actualités
གལ་ཆེའི་གསལ་བསྒྲགས།་ སྲིད་སྐྱོང་དངསྤྱི་འཐུས་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་ཆེན་མོ།
Monday 21 September 2015, by // གསལ་བསྒྲགས།
གལ་ཆེའི་གསལ་བསྒྲགས། ༄༅། ཧྥ་རན་སིར་གནས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ། ཕྱི་ལོ་༢༠༡༦ ལོ་ཟླ་ ༣ པའི་ནང་དབུས་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་ཐུགས་གཏན་འཁེལ་ཡོད་པ་དང་། ཕྱི་ལོ་༢༠༡༥ ཟླ་ ༡༠ པའི་ཚེས་ ༡༨ རེས་གཟའ་ཉི་མ་ཉིན་སྔོན་འགྲོ་འོས་བསྡུ་ཆེན་མོ་ཡིན་པ་བཅས་སྦེལ་ལྗེམ་འོས་བསྡུ་ཚོགས་གཙོ་དོན་གཅོད་ཁང་ནས་བཀོད་ཁྱབ་འབྱོར་དོན་བཞིན་བོད་མི་མང་སྤྱི་འཐུས་སྐབས་ ༡༦ དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྐབས་ ༡༥ (...) Lire la suite »
གལ་ཆེའི་མཆོད་འབུལ་སྨོན་ལམ་གྱི་གསལ་བསྒྲགས་། ཚེས་་༣༠་རེས་གཟའ་ཉི་མ་ ཆུ་ཚོད་༢།༣༠
Thursday 27 August 2015, by // གསལ་བསྒྲགས།
གལ་ཆེའི་མཆོད་འབུལ་སྨོན་ལམ་གྱི་གསལ་བསྒྲགས་། བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ཡི་བཙོན་ འོག་ཏུ་་སྐུ་གྲོངས་ནས་དགོང་ཞག་་་༤༩་འཁོར་བའི་དགོངས་ཛོགས་མཆོད་འབུལ་ཞིག་ཕ་རན་སི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་གོ་སྒྲིག་འོག་ཟླ་འདིའི་ཚེས་་༣༠་རེས་གཟའ་ཉི་མ་ ཆུ་ཚོད་༢།༣༠་ ལ་འགོ་འཛུགས་ཀྱིས་ ཆུ་ཚོད་༤་ དབར་ཚོགས་ རྒྱུ་ཡིན་པས་ཉིན་དེར་མི་མང་གང་མང་དུས་ཐོག་མཉམ་ཞུགས་གནང་རོགས་འབོད་བསྐུལ་ཞུ་རྒྱུ། ཕ་རན་སི་བོད་རིགས་ཚོགས་པ། ཕ་རན་སི་བོད་རང་དབང་སློབ་ཕྲུག་ཚོ� Lire la suite »
སྲིད་སྐྱོང་དང་ཡུ་རོབ་སྤྱི་འཐུས་སྐོར་ལ་བགྲོ་གླེང་། ཟླ་༨ ཚེས་༢༣ གཟའ་ཉི་མ།
Saturday 22 August 2015, by // གསལ་བསྒྲགས།
སྲིད་སྐྱོང་དང་ཡུ་རོབ་སྤྱི་འཐུས་སྐོར་ལ་བགྲོ་གླེང་། ཟླ་ཚེས། ཕྱི་ལོ་ ༢༠༡༥ ཟླ་༨ ཚེས་༢༣ གཟའ་ཉི་མ། ཆུ་ཚོད། ཉིན་རྒྱབ་ཆུ་ཚོད་ ༢།༤༠ ཆོགས་ཡུལ། རིགས་པ་ཆོས་ཚོགས། གོ་སྒྲིག་པ། བོད་ཀྱི་དུས་བབ་གསར་ཁང། Rigpa Centre, 6 Bis Rue Vergniaud, 92300 Levallois – Perret Metro – 3 ( Louise Michel) Lire la suite »
མཆོད་འབུལ་སྨོན་ལམ་གསལ་བསྒྲགས་ཕྱི་ཟླ་ ༨ ཚེས་ ༩ རེས་གཟའ་ཉི་མ།
Friday 31 July 2015, by // གསལ་བསྒྲགས།
བོད་ནས་ཡིད་སྐྱོ་བའི་གནས་ཚུལ་འབྱོར་ཞིག་ནི་ཉེ་ཆར་ཁམས་ཚ་བ་་ནས་ཡིན་པའི་ཆབ་སྲིད་བཙོན་པ་སྡེ་དཔོན་བློ་བཟང་ཡེ་ཤེས་ལགས་ལྷ་སར་རྒྱ་ཡི་བཙོན་དུ་སྐུ་གྲོངས་བའི་གནས་ཚུལ་ཐོན་པ་ལྟར་འདས་པོ་དེ་ཉིད་ཀྱི་ཆེད་མཆོད་འབུལ་སྨོན་ལམ་དང་༧་གོང་ས་མཆོག་གི་ཞབས་རིམ་གཉིས་དུས་གཅིག་ཏུ་སྤྱི་ཟླ་༨་་ཚེས་༩་རེས་གཟའ་ཉི་མ་ཉིན་ཕྱི་དྲོ་་ཆུ་ཚོད་༣་ནས་་༤:༣༠་བར་་ཧྥ་རན་སི་བོད་རིགས་ཚོགས་པའི་སློབ་གྲའི་ཚོགས་ཁང་ནང་གོ་སྒྲིག་ཞུ་རྒྱུ་ཡིན་པས་མི་མང་གང་མང་མཉམ་ཞུགས་གནང་རོགས་ཞུ་རྒྱུ་བཅས། བོད་རིགས་ཚོགས་པའི་རྒྱུན་ལས་ཁང་ནས་སྤྱི་ལོ Lire la suite »
གསལ་བསྒྲགས། - ཟླ་ ༥ ཚེས ༡༠ རེས་གཟའ་ཉི་མ་ལ་མཆོད་འབུལ་སྨོན་ལམ་
Thursday 7 May 2015, by // གསལ་བསྒྲགས།
༄༅། །རྒྱལ་གཅེས་ལྷག་བསམ་ལྡན་པའི་ཧྥ་རན་སིར་གནས་སྡོད་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ། ཞུ་གསོལ། ཉེ་ཆར་བལ་བོད་ས་མཚམས་གཙོས་པའི་ཡུལ་གྲུ་མང་བོའི་ནང་ས་ཡོམ་གྱི་འགུལ་ཤུགས་མཐོ་ཚད ༧ དང ༨ ཅན་རྒྱབས་ཏེ་ཆག་སྒོ་ཆེན་པོ་ཞིག་བྱུང་སྟེ་བལ་བོ་མི་བདུན་སྟོང་ལྷག་གི་ཚེ་སྲོག་ཤོར་བ་དང་བོད་ནང་དུའང་བོད་མི་གང་འཚམས་འདས་གྲོངས་དང་དེ་བཞིན་རྨས་སྐྱོན་དང་སྡོད་ཁང་སོགས་གཏོར་བཤིག་ཐེབས་པས་རྐྱེན་ངན་ཚབ་ཆེན་བྱུང་ཡོད་པ་ཚང་མའི་ཐུགས་མཁྱེན་ག� Lire la suite »
ཧྥ་རན་སིའི་བོད་རིགས་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་འོས་བསྡུ་ཚོགས་ཆེན་གསལ་བསྒྲགས།
Thursday 9 April 2015, by // གསལ་བསྒྲགས།
༄༅། རྒྱལ་གཅེས་ལྷག་བསམ་ལྡན་པའི་བོད་རིགས་སྤུན་ཟླ་ཕོ་མོ་རྒན་གཞོན་ཀུན་གྱི་དྲུང་དུ། ཆེད་ཞུ། ད་ལོ་ལོ་གསར་མཛད་སྒོ་སྐབས་མི་མང་ལ་ཡོངས་ཁྱབ་གསལ་བསྒྲགས་ཕྱིན་ཟིན་པ་ལྟར་ཧྥ་རན་སིའི་བོད་རིགས་ཚོགས་པའི་སྐབས ༦ རྒྱུན་ལས་འོས་བསྡུ་བྱ་རྒྱུ་ཡིན་པས་ཕྱི་ལོ ༢༠༡༥ ཟླ་བ། ༥ ཚེས ༢༤ ཉིན་ཕྱི་དྲོ་ཕྱག་ཚོད ༡ དང་སྐར་མ ༣༠ ནས་མི་མང་གིས་འོས་བསྡུའི་ཚོགས་ཆེན་འགོ་འཛུགས་རྒྱུ་ཡིན་པ་དང་། (...) Lire la suite »
ཚོགས་འདུའི་གསལ་བསྒྲགས། - སྤྱི་ཟླ་༠༤་ཚེས་༠༥་
Thursday 26 March 2015, by // གསལ་བསྒྲགས།
གསལ་བསྒྲགས། ༄༅། །རྒྱལ་གཅེས་ལྷག་བསམ་ལྡན་པའི་ཧྥ་རན་སིར་གནས་སྡོད་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ། ཞུ་གསོལ། སྤྱི་ལོ་༢༠༡༥་ཟླ་༠༤་ཚེས་༠༥་རེས་གཟའ་ཉི་མའི་ཉིན་རྒྱབ་ཕྱག་ཚོད་གསུམ་པའི་ཐོག་གཤམ་ཁོད་ཁ་བྱང་ལ་ཚོགས་འདུ་ཡོད་པ་དང་ཚོགས་འདུའི་གྲོས་གཞི་ཡང་གཤམ་གསལ་ལྟར། ༡༽ སྐབས་བདུན་པའི་བོད་ཀྱི་རིག་གཞུང་དུས་སྟོན་གྱི་སྐོར། ༢༽ (...) Lire la suite »
བོད་ཀྱི་ལོ་སར་སྲུང་བརྩིའི་གསལ་བསྒྲགས།
Friday 13 February 2015, by // གསལ་བསྒྲགས།
བོད་ཀྱི་ལོ་སར་སྲུང་བརྩིའི་གསལ་བསྒྲགས། ༄༅། །སྤྱི་ལོ་༢༠༡༥་ཟླ་༠༢་པའི་ཚེས་༢༢་རེས་གཟའ་ཉི་མ་ལ་བོད་རྒྱལ་ལོ་༢༡༤༢་རབ་གནས་ཤིང་ལུག་ལོའི་ལོ་སར་སྲུང་བརྩི་ཡི་རྟེན་འབྲེལ་མཛད་སྒོ་ཚོགས་གཏན་ཁེལ། མཛད་རིམ། ཚོུད། ༡།༠༠ མི་མང་འདུ་འཛོམས་དང་མཛད་སྒོ། ཚོུད། ༢།༠༠ རིག་གཞུང་འཁྲབ་སྟོན། ཚོུད་༩།༠༠ བར་གནའ་དེང་བོད་ཀྱི་སྐོར་བྲོ་དང་ས་གནས་སྐྱིད་ཚོགས་ཁག་གི་གཞས་དང་ཞབས་བྲོའི་འཁྲབ་སྟོན་སོགས་ལ་རོལ་རྒྱུ་ཡོད་པས་ཚང་མས་དུས་ཐོག་རང་རིགས་བ Lire la suite »
༢༠༡༥ ལོའི་ཡུ་རོབ་བོད་དོན་ལས་འགུལ་ཆེན་མོ།
Tuesday 9 December 2014, by // གསལ་བསྒྲགས།
གསལ་བསྒྲགས ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་གནས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ། ཚང་མའི་དགོངས་མངའ་བཞིན་བོད་ནང་ལ་རྒྱ་གཞུང་གིས་དྲག་པོའི་དཔུང་ཤུགས་ཁོ་ནའི་བེད་སྤྱོད་དབང་བསྒྱུར་འོག་ཏུ་ཚུད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆོས་སྲིད་རིག་འབྱོར་སོགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བའི་ཐོག་ད་ལྟའི་ཆར་ཕྱོགས་ཡོངས་ནས་ཛ་དྲག་ཆེ་རུར་འགྲོ་བཞིན་པའི་སྐབས་འདིར། ཡུ་རོབ་བོད་རིགས་ཚོགས་པ་རྣམས་ཀྱིས་འག� Lire la suite »
༧ གོང་ས་མཆོག་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཕུལ་ནས་ལོ་ངོ ༢༥ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་
Thursday 4 December 2014, by // གསལ་བསྒྲགས།
༄༅། ཧྥ་རན་སིར་གནས་སྡོད་རྒྱལ་གཅེས་ལྷག་བསམ་གྱི་ཕྱུག་པའི་བོད་རིགས་སྤུན་ཟླ་རྒན་གཞོན་ཕོ་མོ་ཚང་མའི་སྙན་དབང་རིན་པོ་ཆེར་དྲུང་དུ། ཞུ་གསོལ། ཐོག་མར་རང་རེ་བོད་ཁ་བ་གངས་ཅན་གྱི་འདི་ཕྱི་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད ༧ གོང་ས་ལྷ་མི་རྣམ་འདྲེན། འཛམ་གླིང་ཞི་བདེ་དེད་དཔོན། འཕགས་པ་སྤྱན་རས་གཟིགས་མིའི་རྣམ་རོལ་ཏུ་བྱོན་པ། མདོར་ན་སངས་རྒྱས་ཐམས་ཅད་བསྡུས་པའི་སྐུ། རྡོ་རྗེ་འཛིན་པའི་ངོ་བོ་ཉིད། དཀོན་མཆོག་གསུམ་གྱི་རྩ་བ་སྟེ། (...) Lire la suite »


